灵感

འཁྲུངས་སྐར་བསུ།

2018年07月04日 04:07 ·
...展开
收起

ཀརྨ་པ། ཁྱེད་ནི་ལོ་རྒྱུས་ཀྱི་བྱུང་བ་རྒྱུན་རིང་ལ་མཛད་རྗེས་ཀྱི་རྣམ་ཐར་ཕུལ་དུ་བྱུང་བའི་གངས་ཅན་བོད་ཀྱི་མགོན་སྐྱོབ་བླ་ན་མེད་པ་ཞིག ཁྱེད་ཀྱི་བླ་མེད་ཀྱི་ཐུགས་བསྐྱེད་དང་ཟླ་མེད་ཀྱི་མཛད་རྗེས་དུ་མས་ཆོས་སྲིད་ལུགས་གཉིས་ཀྱི་མངའ་ཐང་རྒྱས་མྱོང་བའི་གངས་ཅན་བོད་ཀྱི་ལོ་རྒྱུས་ཁྲོད་དུ། མི་ལོ་དགུ་བརྒྱ་ཙམ་གྱི་དུས་ཡུན་རིང་མོར་གསེར་འོད་འཕྲོ་བའི་གཟི་བརྗིད་ཀྱི་རིན་ཐང་གསལ་པོ་བསྣན་ཡོད། དེ་ཡང་མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། ང་འདས་ལོ་ནི་ཉིས་སྟོང་ན།། གདོང་དམར་ཡུལ་དུ་བསྟན་པ་འབྱུང་།། བྱང་ཆུབ་སེམས་པ་སེངྒེའི་སྒྲ།། ཀརྨ་པ་ཞེས་བྱ་བ་འབྱུང་།། ཏིང་འཛིན་དབང་ཐོབ་འགྲོ་བ་འདུལ།། མཐོང་ཐོས་དྲན་རེག་བདེ་ལ་བཀོད།། ཅེས་འཁྲུལ་མེད་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར། དུས་གསུམ་མཁྱེན་པའི་སྙིང་སྟོབས་དང་། ཀརྨ་པཀྵིའི་རྫུ་འཕྲུལ། རང་བྱུང་རྡོ་རྗེའི་ཉམས་ལེན། ཆོས་གྲགས་རྒྱ་མཚོའི་རིགས་རྩལ། མི་བསྐྱོད་རྡོ་རྗེའི་མཁྱེན་རླབས། ཆོས་དབྱིངས་རྡོ་རྗེའི་བཟོད་སྒོམ། རིག་པའི་རྡོ་རྗེའི་འཕྲིན་ལས་སོགས་ཁྱེད་ཀྱི་གསང་གསུམ་གྱི་མཛད་པ་ཟབ་མོས་བསྟན་འགྲོར་ཕན་བདེ་བསྒྲུབས་པའི་གཟི་བརྗིད་ཀྱི་རྣམ་ཐར་ནི་རི་བོ་ལས་དཔངས་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ། ད་དུང་ཡང་། རབ་བྱུང་ཆས་ལ་ཞྭ་ནག་ཅན།། སྟོང་གི་བསྟན་པ་མ་ནུབ་བར།། འགྲོ་བའི་དོན་ལ་རྒྱུན་ཆད་མེད།། ཅེས་མདོ་སྡེ་ལང་ཀར་གཤེགས་པ་ལས་གསུངས་པ་བཞིན་སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་ཀྱི་བར་དུ་ཁྱེད་ཀྱི་འཕྲིན་ལས་ཀྱི་འཇུག་པ་ནམ་ཡང་འགག་མི་སྲིད་ཅིང་། སྤྲུལ་པའི་རོལ་གར་རྒྱུན་ཆད་མེད་པར་བྱོན་པའི་ངོ་མཚར་གྱི་རྣམ་ཐར་ལྟར། ཐུགས་བསྐྱེད་ཀྱི་འཇུག་པས་གངས་ཅན་བོད་ཀྱི་བདེ་སྡུག་ཐུགས་སུ་བསྣམས་ཏེ། སྤྲུལ་བསྒྱུར་གྱི་བཀོད་པ་མཚན་དཔེའི་ཟློས་གར་སླར་ཡང་བཞད་པའི་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཞེས། དོན་བརྒྱུད་གསེར་གྱི་ཐག་པའི་རྒྱུན་མ་ཆད་ཅིང་སྤྲུལ་བརྒྱུད་མུ་ཏིག་གི་ཕྲེང་བར་ལྷད་མ་ཞུགས་པའི། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ངོ་མཚར་གྱི་བཀོད་པ་མིའི་གཟུགས་སུ་བྱོན་པ་ནི་རྒྱལ་བ་ཀརྨ་པ་སྟེ། ལོ་ངོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མངའ་བའི་སངས་རྒྱས་ཀྱི་སྲས་པོ་ཞིག ལོ་ན་བཅོ་ལྔ་ཙམ་གྱི་ལང་ཚོ་རྫོགས་པའི་སྙིང་སྟོབས་ཅན་གྱི་མི་བུ་དར་མ་ཞིག རང་རིགས་ལ་དུང་ཞིང་རང་དབང་ལ་དགའ་བའི་ཐུགས་འདུན་ཟབ་མོས། མུན་ནག་གི་ཁྲོད་ནས་ཧི་མ་ལ་ཡི་རི་བོ་བརྒལ་ཏེ་འཕགས་པའི་ཡུལ་དུ་གོམ་སྟབས་ཡངས་པོར་བསྒྱུར། བླ་མེད་ཀྱི་དབུ་ཁྲིད་ཅིག་གི་ཐུགས་འདུན་ཡོད་ཚད་བསྐང་ཞིང་། ཆོས་ལྡན་གྱི་ཞིང་ཁམས་ཤིག་ལ་རེ་བའི་ཚེ་སྲོག་ཟབ་མོ་བྱིན། ངོ་མཚར་གྱི་རྣམ་ཐར་དང་། གཟི་བརྗིད་ཀྱི་མཚན་དཔེ། རླབས་ཆེན་གྱི་མཛད་སྤྱོད་སོགས་ཀྱིས་ཞི་བདེའི་ལམ་སྟོན་པ་ཆེན་པོ་ཞེས། འཛམ་གླིང་ཤར་ནུབ་ཀྱིས་མཚོན་པའི་ས་ཆེན་གྱི་ཁམས་སུ་མཚན་སྙན་ཉི་ཟླ་ལྟར་གྲགས་པར་གྱུར། ཀརྨ་པ། ཁྱེད་ནི་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ཁྲོད་དུ་བླ་ན་མེད་པའི་གཟི་བརྗིད་ཀྱི་མཛད་རྗེས་མངའ་བའི་ཕུལ་བྱུང་གི་ན་གཞོན་བསམ་བློ་བ། འཛམ་གླིང་གོ་ལ་རིལ་པོར་སྙིང་རྗེ་དང་འབྲེལ་བའི་ཀུན་སྤྱོད་སྤེལ་བའི་ལམ་སྟོན་པ་ཆེན་པོ། རང་བྱུང་གི་ཁམས་དང་སྐྱེ་འགྲོའི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པར་འགྲོ་བ་མིའི་སྣེ་ཁྲིད་ཉག་གཅིག ཁྱེད་ཀྱི་ཞལ་གསུང་གི་བདུད་རྩི་ཟེགས་མ་རེ་རེས་འཛམ་གླིང་སྐྱེ་བོ་མང་པོས་འཕྲལ་ཡུན་གྱི་སྡུག་བསྔལ་སེལ་བའི་སེམས་ཁམས་ཀྱི་སྨན་པ། གངས་ཅན་ཁ་བའི་ལྗོངས་ཀྱི་མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་དང་ལྷག་བསམ་བྱེད་པའི་སྙིང་སྟོབས་ཀྱི་དཔེ་མཚོན། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མཛད་རྗེས་ཀྱི་དཔངས་མཐོ་བའི་བོད་ཀྱི་སྤྲུལ་བརྒྱུད་ཡོངས་ཀྱི་རྒྱལ་པོ་སྟེ། རྒྱལ་ཀུན་འཕྲིན་ལས་ཀྱི་སྙིང་པོ་གཅིག་ཏུ་བསྡུས་པའི་མུན་ནག་གི་གསལ་སྒྲོན་ཀརྨ་པ། མཐོ་རིས་ཀྱི་ལམ་སྟོན་ཀརྨ་པ། འགྲོ་དྲུག་གི་འདྲེན་པ་ཀརྨ་པ། ཁྱེད་ཡོད་པས་ང་ཚོས་མུན་ནག་གི་འཁོར་བ་ལ་གདོང་གཏད་ཕོད་ལ། ཁྱེད་ཡོད་པས་ང་ཚོས་འོད་གསལ་གྱི་ཞི་བདེ་ལ་རེ་བ་བྱེད་ཆོག་ ཁྱོད་ལ་བསྟོད་པ་ནི་ཕྱོགས་བཅུའི་སངས་རྒྱས་ལ་བསྟོད་པ་ཡིན་ལ། ཁྱེད་ལ་དུང་བ་ནི་འགྲོ་དྲུག་སེམས་ཅན་ལ་དུང་བ་ཡིན། དེས་ན་ངས་འདི་ནས་རྒྱལ་སྲས་སེམས་དཔའ་ཆེན་པོ་དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་སྐུ་ཡི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཁྱེད་ཀྱི་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཅིང་། མཛད་འཕྲིན་ཉི་ཟླའི་འོད་སྣང་འཛམ་གླིང་ཤར་ནུབ་ཡོངས་ལ་ཁྱབ་པའི་བཀྲ་ཤིས་སྨོན་འདུན་ཞུ། གུས་བཀྲ་ཤིས་སྙན་གྲགས་ནས།
评论{{comments.total > 0 ? '(' + comments.total +')' : ''}}

{{item.nickname}}

{{dateformat(parseInt(item.created_at), 'YYYY年MM月DD日 HH:mm:ss')}}

回复 赞 {{item.like || ''}}

{{item.content}}

没有更多了~
还没有人发表评论,来第一个发言吧!

更多相关创意作品

...

06'09

...

04'16

...

03'55

...

10'38

...

06'01

...

02'34

...

03'10

...

04'53

...

03'47

...

01'25

...

05'11

...

07'07

...

02'09

...

03'10

...

1'06':56

...

01'41

...

04'01

...

04'59

...

05'00

...

04'40